Skip to content
索达吉堪布 >> ཁ་ལས་དགེ་བའི་གདམས་ངག། 分享一个让运气越来越好的秘诀 Back
« Previous Next »

ཁ་ལས་དགེ་བའི་གདམས་ངག། 分享一个让运气越来越好的秘诀

སྔོན་ཆད་ང་ཚོ་ཚང་མས་

རང་ལ་ཁ་ལས་མ་དགེ་བར་སྙམ་མོད།

ཡིན་ནའང་རྗེས་སུ་ཁ་ལས་དགེ་བ་དེ་

ཡང་གློ་བུར་ཞིག་མ་ཡིན་པར།

སྔོན་དགེ་བའི་ལས་ལ་འབད་པའི་འབྲས་བུ་དེ་

སྐོར་བ་ཞིག་རྒྱབ་ནས་

ཁྱེད་ཀྱི་མདུན་དུ་འཁོར་ཡོང་བ་རེད།

我们都曾觉得

自己只是差一点运气

可后来才明白

有些好运

并非偶然

而是曾经的善意与努力

绕了一圈

又回到了身边

ཨ་རིའི་མི་ཞིག་གི་ཆུང་མར་ནད་གཞི་ལྕི་མོ་ཞིག་ཕོག་སྟེ། ཁོང་བཟའ་ཟླ་གཉིས་ས་ཆ་མང་པོར་སོང་ནས་བཅོས་ཀྱང་ཕན་མ་ཐོགས། རྗེས་སུ་རྒྱ་ལུགས་གསོ་རིག་གིས་ནད་རིགས་སྣ་མང་བཅོས་ཐུབ་པ་གོ་ནས། ཁོང་གཉིས་ཀྲུང་གོ་ལ་ཡོང་།

有一个美国人的妻子病得非常严重,他们去了很多地方都没有治好,后来听说中医很擅长治疗疑难杂症,他们就来到了中国。

ཁོང་གཉིས་ཀྱི་འཚོ་བ་དེ་ཙམ་ཕྱུག་པོ་མེད་ནའང་། སྨན་པ་དང་སྐད་བརྡ་སྤྲོད་པའི་ཆེད་དུ། གླ་ཆ་ཉུང་ཙམ་ཞིག་བྱིན་ནས། ཕྱི་རྒྱལ་སྐད་ཡིག་སློབ་གྲྭའི་སློབ་མ་ཞིག་ལོ་ཙཱར་ཁྲིད།

这个美国人生活并不富裕,但因为要和医生沟通,所以就花很低的报酬,在外国语学院请了一个学生做翻译。

སློབ་མ་དེའི་ཁྱིམ་ཚང་གི་ཆ་རྐྱེན་ཡང་ཅུང་ཞན་པར་མ་ཟད། ཁོའི་ཨ་མ་ལའང་ནད་ཕོག་ཡོད་པས། ཁོས་གང་སར་ལོ་ཙཱའི་བྱ་བ་བཙལ་བཞིན་ཡོད།

这个学生的家境也比较困难,并且他的母亲还生病了,他到处找翻译的工作。

ཉིན་འགའི་རྗེས་སུ། སློབ་གྲོགས་ཀྱིས་ཁོ་ལ་ཡོང་འབབ་ཆེ་བའི་ལས་ཀ་ཞིག་མཚམས་སྦྱོར་བྱས་མོད། འོན་ཀྱང་ཁོས་བསམ་བློ་བཏང་མཐར་མུ་མཐུད་དུ་རོགས་རམ་བྱས་ཏེ། ཨ་རིའི་བཟའ་ཟླ་དེ་གཉིས་དང་ལྷན་དུ་ཕྱོགས་སོ་སོར་སོང་ནས་སྨན་བཙལ་ཀྱང་།

没过几天,同学给他介绍了一份收入更高的工作,但他思考后还是决定继续帮这对美国夫妇四处寻医问药。

མཐའ་མཇུག། ཨ་རི་བ་དེའི་ཆུང་མ་རྐྱེན་ལས་འདས་སོང་། ཁོ་རང་ཕྱིར་རང་རྒྱལ་དུ་ལོག་རྗེས། ལས་དོན་འཕེལ་རྒྱས་སུ་སོང་བས། མཐའ་མར་ཀྲུང་གོ་རུའང་ཡན་ལག་གི་ལས་ཁུངས་ཤིག་བཙུགས་དགོས་པས། ཁོས་ཀྲུང་གོའི་ཚབ་གཉེར་པ་ཞིག་བཙལ་འདོད་པའི་སྐབས་སུ། དེ་སྔོན་ཁོ་རང་ལ་རོགས་རམ་བྱས་མྱོང་བའི་སློབ་མ་དེ་དྲན་བྱུང་།ཁོ་ནི་མི་གཞུང་དྲང་བསམ་པ་བཟང་པོ་ཞིག་ཡིན་པར་བསམས་ནས། གླ་ཕོགས་མཐོན་པོས་ཁོ་རང་ཚབ་གཉེར་པར་གདན་དྲངས།

最后,那个美国人的妻子还是不幸去世了,他回国之后,事业发展得很顺利,甚至要来中国开连锁店,当他想要找一个中国人做代理时,自然就想到了当年帮他的那个大学生,觉得他为人真诚心地善良,于是就高薪聘请了他。

·

ཁ་ལས་རླུང་རྟེ་ཞེས་པ་དེ་གང་ནས་བྱུང་།

所谓“运气”,从何而来?

ཁ་ལས་རླུང་རྟ་ཞེས་པ་ནི། ནང་པའི་གསུངས་ལུགས་ལྟར་ན། འདི་ནི་དགེ་བའི་ལས་ཤིག་ཡིན་པ་ལས། ཁ་ལས་རླུང་རྟ་ཞེས་ཁ་ཁ་ཞིག་མིན།

རང་གིས་དུས་ནམ་ཞིག་གི་ཚེ་དང་། ཡང་ན་མི་ཚེ་འདིའི་ནང་། ཡང་ན་རང་གི་སྐྱེ་བ་སྔ་མའི་སྔོན་མ། ཡང་ན་སྐྱེ་བ་སྔོན་མ་ཞིག་ལ། བསོད་ནམས་ཀྱི་ཚོགས་བསགས་ཤིང་། དགེ་བའི་རྒྱུ་ཞིག་བསྐྲུན་ཡོད་ན། རང་གི་འབད་པ་ལ་བརྟེན་ནས། རྒྱུ་རྐྱེན་རྟེན་འབྲེལ་ཡོངས་སུ་འཛོམས་པས། ད་གཟོད་འདི་ལྟ་བུའི་ལོངས་སྤྱོད་ཐོབ་པ་རེད།

རྒྱུ་མཚན་དེའི་ཕྱིར། མི་གང་འདྲ་ཞིག་ཡིན་རུང་། གནས་ཚུལ་ཅི་འདྲ་ཞིག་དང་འཕྲད་ཀྱང་། བསམ་པ་བཟང་པོ་རྒྱུན་བསྐྱངས་ནས། དགེ་བའི་བསམ་སྦྱོར་ལ་འབད་པར་བྱ།

འདི་ལྟར་བྱས་པ་ན། ང་ཚོས་དེ་རིང་བཏབ་པའི་ས་བོན་འདི་དུས་ནམ་ཞིག་གི་ཚེ་ན། མེ་ཏོག་བཞད་ཅིང་འབྲས་བུ་སྨིན་པ་ཡིན།

从佛教的角度讲,所谓的运气其实是一种善业力。

我们在今生、前世或前前世的某一时刻,积累了福德资粮的善因,再加上今生的努力,所以才拥有了现在的财富。

如果单纯靠运气的话,也不需要努力去争取了,反正成功是靠运气而已,但实际上并不是这样。

因此,无论遇到任何事情,我们都应该保持一颗善良的心,多行善事,多种善因。

今天种下的种子,到了一定时候就会开花结果,这个方法才是获得成功最关键的一环。

མཁན་པོ་བསོད་དར་རྒྱས་ཀྱི་འཆད་ཁྲིད་

དགེ་སེམས་དང་ལྷག་བསམ་ཟབ་མོ་ཞེས་པ་ལས་དྲངས།

选自索达吉堪布

《善心厚德》演讲