Khenpo Weibos
རྟགས་མ་འདི་ང་ཚོ་ཨེ་འགོག་ཚོགས་པའི་མཚོན་རྟགས་ཡིན། ཐམས་ཅད་ཀྱིས་རྒྱབ་སྐྱོར་གནང་བར་ཞུ་ཞུ།
རླུང་རྟ་རྒྱ་ལམ་ནང་དུ་གཏོར་ནས་ཀུན་གྱིས་རྡོག་རྫི་བྱེད་པ་འདིས་རང་གི་ཁ་རྗེ་དབང་ཐང་ལ་གནོད་པ་ལས་ཕན་པ་མེད་པར་གསུངས་པས་དོ་སྣང་བྱ་དགོས་སོ།།
སེང་ཉིན་ནི་ལྷ་བབས་དུས་ཆེན་རེད། རང་རང་གིས་གང་ནུས་ཀྱི་དགེ་བ་རེ་བསྒྲུབ་པ་དང་། བསྔོ་བ་དང་སྨོན་ལམ་བཟང་པོ་རེ་བྱ་བ་མ་བརྗེད་པར་མཛོད།
སྐྱེས་པའི་ནངས་པར་འཆི་བའི་བརྡ་ཞིག་བྱུང་།།ལོང་མེད་རྒྱུད་ལ་ཁོལ་ཅིག་དིང་རི་བ།།ཞེས་པའི་དོན་ལའང་བསམ་བློ་རེ་གཏོང་དགོས་པར་སྣང་ངོ་།།