Buli 海量资源下载
注册 登录 联系Buli
堪布微博 (21~30 of 298)
« 1 2 3 4 5 6 7 8 9 10 11 ... 30 »
一共收录了13936条微博,搜索到了298条微博 >>导出微博>>
བོད་གངས་ཅན་པའི་ཤིང་མོ་སྦྲུལ་གྱི་གནམ་ལོ་གསར་དུ་ཚེས་པ་ལ་བཀྲ་ཤིས་པའི་རྟེན་འབྲེལ་ཞུ། གཞིས་བྱེས་ཡོངས་ལ་ཚེ་རིང་ནད་མེད་བསམ་དོན་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །
ལོ་ཉི་ཤུའི་རིང་གི་ལས་གྲོགས་གཉིས་ཁ་རྩང་ཉི་མ་གཅིག་ལ་སྐུ་གཤེགས་སོང་། ལོ་འདི་དག་གི་ནང་ཕུལ་དུ་བྱུང་བའི་ལས་གྲོགས་མང་པོ་མེད་པར་གྱུར།
མི་ཚེའི་རང་བཞིན་བསམས་ན་ཆོས་ཉིད་དེ། །
བྱ་བའི་ལས་དབང་བསམས་ན་གྱོང་ཆེན་ཉིད། །
གཡུལ་ཆེན་འཇིགས་པའི་ཐང་ན་གྲོགས་མེད་པ། །
རེ་བའི་དར་ཆེན་བསྒྲེངས་ཀྱང་ཕན་པ་ཆུང་། །
ལུས་ངག་ཡིད་གསུམ་བླ་མ་རྗེ་ལ་འབུལ། །
སྲིད་གསུམ་གནས་ལས་བསྒྲལ་བའི་བཀའ་དྲིན་དྲན། །
ཚེ་རབས་ཕྲེང་བར་ཐུགས་རྗེས་རྗེས་སུ་ཟུངས། །
རེ་ས་གཞན་ན་མེད་དོ་བྱིན་གྱིས་རློབས། །
འདྲ་པར་འདི་འཕྲུལ་ཤེས་AIཀྱིས་བཟོས་པའི་རྫུན་མ་ཞིག་རེད། ཞིབ་ཏུ་ལྟོས་དང་མཛུབ་མོ་༦་འདུག། འཕྲུལ་ཤེས་AIའདི་ལ་ཧ་ཅང་དོགས་ཟོན་བྱ་དགོས། འདིས་འདྲ་པར་དང་། བརྙན། སྒྲ་སོགས་བདེན་རྫུན་དབྱེ་འབྱེད་མི་ཐུབ་པ་ལྟ་བུ་དག་བཟོས་ཏེ། རྙོག་འཛིང་མང་པོ་སློང་བཞིན་ཡོད། གཞི་མེད་ཀྱི་སྒྲོ་སྐུར་དང་ཀླང་འདེབས་སྣ་ཚོགས་བྱས་ནས་མི་ཕན་ཚུན་བར་དུ་ཕུང་ཀྲོལ་དང་འགལ་སློང་བྱེད་པས་ཅིས་ཀྱང་གཟབ་པར་འཚལ་ལོ། །
ལ་སྟོད་ལྷོ་ཡི་ཕྱོགས་ནི་ས་ཐག་རིང་། །རུ་བཞི་དབུས་ཀྱི་ལྗོངས་ནི་ཚོར་བ་སྐྱེན། །འཇིགས་པའི་ཡུལ་དུ་འབྱོར་བའི་ཐབས་མེད་ཀྱིས། །བསྔོ་དང་སྨོན་ལམ་སེམས་ཀྱི་གཏིང་ནས་བྱ། །
ལ་སྟོད་ལྷོ་ཡི་ཕྱོགས་ནི་ས་ཐག་རིང་། །
རུ་བཞི་དབུས་ཀྱི་ལྗོངས་ནི་ཚོར་བ་སྐྱེན། །
འཇིགས་པའི་ཡུལ་དུ་འབྱོར་བའི་ཐབས་མེད་ཀྱིས། །
བསྔོ་དང་སྨོན་ལམ་སེམས་ཀྱི་གཏིང་ནས་བྱ། །
དེ་རིང་ནི་རྒྱལ་སྤྱིའི་བསམ་གཏན་བསྒོམ་པའི་ཉི་མ་རེད། བསམ་གཏན་བསྒོམས་ན་སེམས་ནད་སྣ་ཚོགས་འཆོས་ཤིང་། བདེ་སྐྱིད་ཀྱི་སྣང་བ་གོང་འཕེལ་དུ་འགྲོ། དེར་མ་ཟད་སྙིང་རྗེ་དང་གཞན་ཕན་ཇེ་ཆེར་སོང་ནས་འཚོ་བ་དོན་སྙིང་དང་ལྡན་པར་འགྱུར་རོ། །
ཨེ་ཛི་སྔོན་འགོག་ནན་མོ་མུ་མཐུད་དུ་བྱ་དགོས། འདི་ལ་ལྷོད་ཡེངས་ཅུང་ཟད་ཀྱང་མི་རུང་། ཀུན་གྱིས་ཡིད་ལ་འཇགས་པར་ཞུ།
ལྷ་བབ་དུས་ཆེན་འདི་ཨ་མའི་དྲིན་འཇལ་གྱི་དུས་ཆེན་ཞིག་རེད།
བོད་རིག་པའི་མཁས་དབང་ནོར་བྲང་ཨོ་རྒྱན་ལགས་སྐུ་གཤེགས།
ལྷག་བསམ་ལྡན་ཞིང་རིགས་པར་སྨྲ། །
ཡ་རབས་ཚུལ་བཟང་བརྩོན་འགྲུས་ཅན། །
གསེར་ལས་དཀོན་པའི་མཁས་པ་ནི། །
ཐོ་རངས་སྐར་ཚོགས་བཞིན་དུ་ཡལ། །
« 1 2 3 4 5 6 7 8 9 10 11 ... 30 »