Buli 海量资源下载
注册 登录 联系Buli
堪布微博 (31~40 of 298)
« 1 2 3 4 5 6 7 8 9 10 11 12 ... 30 »
一共收录了13936条微博,搜索到了298条微博 >>导出微博>>
ད་ལོའི་བོད་ཟས་མྱོང་གཅོད་ཚོགས་འདུ། 慈诚罗珠藏文微博的微博视频
བོད་གངས་ཅན་གྱི་སྐྱེས་མ་ཡོངས་ལ་རྒྱལ་སྤྱིའི་བུད་མེད་དུས་ཆེན་ཉིན་བཀྲ་ཤིས་རྟེན་འབྲེལ་ཞུ།
དེ་དང་ཆབས་ཅིག་ཏུ།
གླུ་ལེན་བྲོ་འཁྲབ་གཅིག་པུས་མཛངས་མ་མི་འོང་།
གསེར་དངུལ་གཡུ་བྱུར་གཅིག་པུས་མཛེས་མ་མི་འོང་།
བུ་ཕྲུག་བསྐྱེད་གསོ་གཅིག་པུས་ཨ་མ་མི་འོང་།
སྐུ་རིམ་ཞབས་བརྟན་གཅིག་པུས་བཙུན་མ་མི་འོང་།
དེ་རྣམས་ནི་མི་འོང་བ་རྣམ་བཞི་ཡིན་པས་ཐུགས་ལ་འཇགས་པར་ཞུ།
ཕ་སྐད་མ་ཡིག་ལ་འབད་པ་མཛོད།
བྱིས་པའི་སློབ་གསོ་ལ་དོ་སྣང་གྱིས།
ཁ་བཤད་ཀྱིས་མི་ཕན་ལག་ལེན་དགོས།
ལག་ལེན་གྱིས་མི་ཕན་རྒྱུན་འཁྱོངས་དགོས།
འགྲོ་བའི་བསོད་ནམས་ཞིང་ས་ལ། །
བདེར་གཤེགས་སྤྲུལ་པ་བྱོན་ནས་སུ། །
སྐྱེ་རྒུ་ཐར་བའི་ལམ་ལ་བཀོད། །
བདེ་བའི་ཉི་མ་མཁའ་ལ་ཤར། །
བོད་ཁ་བ་ཅན་གྱི་གནམ་ལོ་གསར་པ་འབྲུག་ལོ་གསར་ཚེས་ལ་བཀྲ་ཤིས་རྟེན་འབྲེལ་ཞུ།
གཟུགས་སྐུ་ཡུལ་ན་མེད་ཀྱང་སེམས་ན་ཡོད། །གདམས་ངག་ཕྱི་ན་མེད་ཀྱང་བློ་ན་ཡོད། །ཞལ་མཇལ་ཉིན་མོ་མེད་ཀྱང་མཚན་མོ་ཡོད། །ཡང་མཇལ་ད་ལྟ་མེད་ཀྱང་སླད་ནས་ཡོད། །དཔོན་སློབ་འདུ་བ་ཡོད་ཀྱང་འབྲལ་བ་མེད། །བཀའ་དྲིན་འཇལ་བ་ཡོད་ཀྱང་འཁོར་བ་མེད། །ཐུགས་ཡིད་བསྲེ་བ་ཡོད་ཀྱང་དབྱེ་བ་མེད། །དུས་ཚོད་འདས་པ་ཡོད་ཀྱང་བརྗེད་པ་མེད། །
ཨེ་ཛི་སྔོན་འགོག་དང་སྨན་བཅོས་ལ་ཅིས་ཀྱང་མུ་མཐུད་དུ་གཟབ་ནན་གནང་བར་ཞུ།
ཟས་ཀྱི་དྭངས་རྩེ་དཀར་ཟས་ཏེ།།
འབགས་མེད་སྡིག་མེད་འཚེ་བ་མེད།།
བློ་ཡི་དྭངས་རྩེ་སྙིང་རྗེ་སྟེ།།
ཁྲོ་མེད་འཁོན་མེད་སྡུག་བསྔལ་མེད།།
དངོས་བྱུང་གི་དོན་འདི་ལ་གཞི་བྱས་ནས་རླབས་ཆེན་གྱི་ཨ་མ་ཞེས་པའི་བྱིས་སྒྲུང་འདི་བྲིས་པ་ཡིན།
བོད་ཟས་མྱོང་གཅོད་ཚོགས་འདུ་སྐབས་བཞི་པ། 慈诚罗珠藏文微博的微博视频
« 1 2 3 4 5 6 7 8 9 10 11 12 ... 30 »