Buli 海量资源下载
注册 登录 联系Buli
堪布微博 (41~50 of 298)
« 1 2 3 4 5 6 7 8 9 10 11 12 13 ... 30 »
一共收录了13936条微博,搜索到了298条微博 >>导出微博>>
ཟས་རྒྱུ་གཙང་ཞིང་གཡོས་སྦྱོར་ལེགས། །རྣལ་མའི་བྲོ་བ་ཁ་ལ་ཞིམ། །ནུས་བཅུད་མ་ཉམས་ལུས་ལ་འཕྲོད། །གངས་ཅན་བཟའ་བཏུང་བདུད་རྩིའི་དཔལ། །
ལོ་ལྔའི་རིང་ལ་འབད་པ་བྱས་ཤིང་། བོད་ཟས་ཀྱི་བགྲོ་གླེང་དང་ཚོགས་འདུ་ཐེངས་༣༨་ལ་ཞུགས། བོད་ཟས་ཞིབ་འཇུག་པ་ཀརྨ་བདེ་ལེགས་དང་ཨ་རིགས་བོད་ཟས་ཁང་གི་བདག་རྐྱེན་ལ་བརྟེན་ནས་ད་ལམ་འབྲས་བུ་ཅུང་ཟད་ཐོབ་སོང་།
ཚིག་མཛོད་རིག་པ་དང་བྱིས་སྒྲུང་བྲི་ཚུལ།
མངགས་བཅོལ་འདི་ལ་དོ་སྣང་གནང་བར་ཞུ།
ད་དུང་མངགས་བཅོལ་འདི་ལའང་དོ་སྣང་གནང་བར་ཞུ།
བོད་གངས་ཅན་གྱི་སྐྱེས་མ་ཡོངས་ལ་རྒྱལ་སྤྱིའི་བུད་མེད་དུས་ཆེན་བདེ་སྐྱིད་ངང་རོལ་བའི་རྟེན་འབྲེལ་ཞུ།
དེ་དང་ཆབ་ཅིག་ཏུ།
བུ་ལ་ཕ་སྐད་མི་སློབ་པ། །ཕ་མའི་སྐྱོན་གྱི་ཆེ་ཤོས་ཏེ། །
ཁྱིམ་གྱི་སྒོ་ལ་ཕུད་ཀྱང་སླ་ཡི། །རིགས་ཀྱི་གྲལ་ནས་མ་ཕུད་ཅིག །
ཅེས་པ་དང་།
ཕོ་མཆོག་མོ་དམན་གྱི་ལྟ་བ་མཁྲེགས་པོ། །
འཇིག་རྟེན་རྙིང་ཧྲུལ་གྱི་འཛིན་ཞེན་དམ་པོ། །
ཚུལ་མིན་ལུགས་མིན་གྱི་གནས་ལུགས་རྫུན་མ། །
ཆོས་ལོག་སྲིད་ལོག་གི་ལྟ་ལོག་རྣལ་མ། །ཞེས་པ་འདིའང་སེམས་ལ་བཟུང་ནས་ལག་ཏུ་ལེན་པར་ཞུ།
མི་གལ་ཆེན་ཞིག་བཞུད་པས་གྱོང་གུན་ཧ་ཅང་ཆེན་པོ་ཐེབས། ཐམས་ཅད་ཀྱིས་བསྔོ་སྨོན་རེ་གནང་བར་ཞུ།
སྐྱིད་སྡུག་ལེགས་ཉེས་ཀུན་ཏུ་བླ་མ་མཁྱེན། །
འདི་ཕྱི་བར་དོ་ཀུན་ཏུ་བླ་མ་མཁྱེན། །
རིགས་དྲུག་གང་དུ་སྐྱེས་ཀྱང་ཐུགས་རྗེས་ཟུངས། །
སྐྱེ་ཀུན་འབྲལ་བ་མེད་པར་བྱིན་གྱིས་རློབས། །
བོད་གངས་ཅན་པའི་གནམ་ལོ་གསར་དུ་ཚེས་པ་ལ་སྐྱེ་འགྲོ་ཐམས་ཅད་ཚེ་རིང་ཞིང་ནད་མེད་བཀྲ་ཤིས་དོན་ཀུན་འགྲུབ་པའི་རྟེན་འབྲེལ་ཞུ།
རྫོགས་པའི་སངས་རྒྱས་ཟེར་ན་བླ་མའི་ཐུགས། །
དམ་ཆོས་སྡེ་སྣོད་ཟེར་ན་བླ་མའི་གསུང་། །
འཕགས་པའི་དགེ་འདུན་ཟེར་ན་བླ་མའི་སྐུ། །
ཀུན་འདུས་བླ་མ་རྗེ་ལ་གསོལ་བ་འདེབས། །
མུ་མཐུད་དུ་ཨེ་ཛི་སྔོན་འགོག་དང་འཕྲོད་བསྟེན་གྱི་ལས་ལ་བརྩོན་དགོས། ང་ཚོས་ལོ་བཅུའི་རིང་ལ་འབད་པ་བྱས་ཀྱང་ད་དུང་མགོ་ཚུགས་པ་ཙམ་ལས་ཅི་ཡང་གྲུབ་མི་འདུག། གངས་ཅན་པ། བདེ་ཐང་ནི་བདེ་སྐྱིད་དང་ཡར་རྒྱས་ཀྱི་རྩ་བ་ཡིན་པ་འདི་ཅིས་ཀྱང་ངོ་ཤེས་པར་མཛོད་ཅིག།
« 1 2 3 4 5 6 7 8 9 10 11 12 13 ... 30 »