Skip to content
堪布微博 (1~10 of 1587)
1 2 3 4 5 6 7 8 9 ... 159 »
一共收录了14013条微博,搜索到了1587条微博 >>导出微博>>
སློབ་དཔོན་འཕགས་པ་ལྷས།མདོར་ན་ཆོས་ནི་མི་འཚེ་བ།།དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས།།སྟོང་ཉིད་མྱང་ངན་འདས་པ་སྟེ།།འདིར་ནི་དེ་གཉིས་འབའ་ཞིག་གོ།ཞེས་གསུངས།
圣天论师: 如来所说法,略言唯二种, 不害生人天,观空证涅槃。
13.
●དྲི་བ།:ང་རང་གི་བསམ་ཚུལ་ལ། གོམས་གཤིས་ངན་པ་དག་ནི་ཧ་ཅང་བསྒྱུར་དཀའ་བས། སེམས་ཤུགས་ཉམས་པར་འགྱུར་འདུགགནས་ཚུལ་འདི་ལྟ་བུ་ལ་ཇི་ལྟར་གདོང་ལེན་བྱ་དགོས།
●ལན།:སློབ་མ་ཞིག་སློབ་སྦྱོང་གི་མཐར་ཕྱིན་དགོས་ན། མི་མཐུན་པའི་རྐྱེན་སྣ་ཚོགས་བརྒྱུད་དགོས་ལ། ཁེ་ལས་པ་ཞིག་གིས་ལས་གཏོད་བྱེད་དགོས་ནའང་། དཀའ་སྡུག་མང་པོ་དང་འཕྲད་སྲིད་པ་ཡིན། དེ་དང་འདྲ་བར་ཆོས་ཉམས་ལེན་བྱེད་ནའང་། ཚེགས་མེད་བདེ་བགྲོད་ཅིག་མིན་པར། དཀའ་སྡུག་མང་པོ་དང་འཕྲད་སྲིད་པ་ཡིན། ང་རང་ཚོ་ཁོ་ན་མ་ཡིན་ཏེ། སྐྱེས་ཆེན་དམ་པ་འགའ་རེ་ཡིན་ཡང་། དཔེར་ན་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ལྟ་བུ། ལོ་ངོ་བཅུ་ལྷག་གི་རིང་ལ་བརྩོན་འགྲུས་ལྷོད་མེད་བྱས་ཏེ། དཀའ་ངལ་མང་པོ་ཁྱད་དུ་བསད་ནས། མཐར་ཐུག་གྲུབ་པ་ཐོབ་པ་ཡིན། དེའི་ཕྱིར་ན་འདི་དག་ཚང་མ་རང་བྱུང་གི་ཆོས་ཉིད་ཅིག་ཡིན། ང་ཚོས་གྲུབ་འབྲས་བླ་ན་མེད་པ་ཞིག་རེ་སྙེག་བྱེད་དུས། ལམ་འདི་དག་ངེས་པར་དུ་བརྒྱུད་དགོས། ཁྱོད་ཀྱིས་རང་སྐྱོན་ངོས་ཟིན་པ་འདི། ཧ་ཅང་ཡག་པོ་རེད། ཡིན་ནའང་བརྩོན་འགྲུས་བྱེད་རྒྱུ་འདོར་མི་རུང་། གལ་ཏེ་མུ་མཐུད་དུ་རྒྱུན་སྐྱོང་བྱས་ན། སྐབས་འགར་རང་ཉིད་ལ་ཡི་ཆད་པའི་དུས་ཡོད་ཀྱང་། རེ་འདོད་འགྲུབ་པའི་ཆེད་དུ། ཕྱིར་མི་ལྡོག་པར་མདུན་ནས་མདུན་དུ་བསྐྱོད་དགོས། མཐུན་རྐྱེན་སྣ་ཚོགས་ཤིག་བསྐྲུན་ན། དུས་ངེས་ཅན་ཞིག་ལ་སླེབས་དུས། ཉམས་ལེན་གྱི་ལམ་དེ་རང་བཞིན་གྱིས་བདེ་མོར་འགྱུར། གྲུབ་འབྲས་ཀྱང་ཐོབ་ངེས་ཅན་ཡིན། དེའི་ཕྱིར་ན་བརྩོན་འགྲུས་ལྷོད་མེད་ནི་ཤིན་ཏུ་གལ་ཆེ་བ་ཡིན།
ཡོ་ཁུ་སློབ་གྲྭ་ཆེན་མོ་གྱི་འཆད་འཁྲིད་ལས་བཏུས།།
●问:我认为,不好的习惯很难改变,从而感到很泄气。面对这种情况,应该怎么办?
●答:一个学生要完成学业,会经历种种不顺;一位企业家要创业,也会遭遇很多坎坷。同样,修行的道路也并非一帆风顺,可能会遇到很多磨难。不仅是我们,即使一些高僧大德,比如顶果钦哲仁波切,也是历经十多年的不懈努力,克服了很多困难,最后才获得成就的。所以,这些都是一种自然规律。当我们追求最高成就的时候,这些路都是要必经的。你能认识到自己的不足,这是很好的,但是不能放弃努力。如果一直坚持走下去,即使有时对自己有些失望,为了实现目标,要不退转,继续往前走。若能创造各方面的顺缘,那么到了一定时候,修行的路会自然顺利,也会有所收获的。所以,不断努力是非常重要的。
选自:约克大学演讲 2014.10.24
ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱིས།གཞན་གྱི་རྫས་ལ་བརྣབ་སེམས་ཆེ་བ་དང་།ཡུན་དུ་འགྲོགས་ན་དགའ་སྡུག་གྲངས་མང་བ།ཐ་ཆད་སྐྱེ་བོ་མས་ཀྱང་འདོར་ངེས་པས།།ངང་བཟང་ཕྱི་ཐག་རིང་བའི་ཚུལ་ལ་སློབས།།ཞེས་གསུངས།
法王晋美彭措:
若过于贪爱他人财物,与之交往时,动辄喜怒无常,对这样的恶人,纵然是母亲也会舍弃,所以要学会善良、宽容、情意绵长。
སློབ་དཔོན་རྟ་དབྱངས་ཀྱི་མྱ་ངན་བསལ་བ་ལས།སའམ་ཅི་སྟེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མ་མཐོང་བ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་གསུངས
马鸣菩萨《解忧书》:
地上或天间,有生然不死,此事汝岂见,岂闻或生疑?
12.
●དྲི་བ།:མཁན་པོ་ལགས་སྐུ་ཁམས་བཟང་། ང་ནི་ལོ་བཅུ་གཉིས་ལ་སོན་པའི་བྱིས་པ་ཞིག་གི་ཨ་མ་ཡིན། བྱིས་པ་ཁོ་རང་སློབ་སྦྱོང་ལ་དགའ་ཞིང་། ལུས་པོ་བདེ་ཐང་ཡིན་པ། གཤིས་རྒྱུད་བཟང་པོ་ཞིག་ཀྱང་ཡོད་དགོས་ན་ཇི་ལྟར་བྱ། འདི་ནི་ང་རང་ཤིན་ཏུ་སེམས་ཁུར་ཆེ་བའི་གནད་དོན་ཞིག་ཡིན་པས། མཁན་པོ་ལགས་ཀྱིས་མཛུབ་སྟོན་གནང་རོགས། ཐུགས་རྗེ་ཆེ།
●ལན།:སློབ་སྦྱོང་ལ་དགའ་བ་དང་ལུས་པོ་བདེ་ཐང་། མི་གཤིས་བཟང་པོ། དེ་བཞིན་སེམས་ཁམས་སྐྱིད་པོ་ཡོང་བ་སོགས། འདི་དག་ཡོད་ཚད་འགྲུབ་དགོས་ན་ཧ་ཅང་དཀའ་མོ་རེད། ཡིན་ནའང་བྱིས་པ་ཆུང་ཆུང་ཡིན་པའི་དུས་སུ། ཆེས་གནད་འགག་ཆེ་ཤོས་ཤིག་ནི། ཁོ་ཚོའི་མི་གཞིའི་སློབ་གསོ་ཡིན། མི་གཞིའི་སློབ་གསོ་དེ་ཁྱིམ་ཚང་གི་འགན་འཁྲི་དང་པོ་ཡོད། ང་ཚོ་འཇིག་རྟེན་པས་ནམ་རྒྱུན། བྱིས་པའི་དགེ་རྒན་དང་པོ་ནི་ཨ་མ་ཡིན་ཞེས་བཤད། ཨ་མས་བསླབས་པའི་ཡོད་ཚད་དེ་བུ་ཕྲུག་གི་ཤེས་བྱར་འགྱུར་ངེས། དེར་བརྟེན། དད་པ་དང་བྱམས་སྙིང་རྗེ། ཡང་ན་མི་བཟང་པོ་ཞིག་ཇི་ལྟར་བྱེད་དགོས་པ་སོགས། འདི་དག་ཚང་མ་ཨ་མས་བསླབས་པ་ལས་བྱུང་བ་ཡིན། དེས་ན་ངས་བསམས་ན། བུ་ཕྲུག་གི་སློབ་གསོ་དེ། ལྷག་པར་དུ་བྱིས་པ་ལོ་བཞི་ནས་བཅུ་དྲུག་གི་བར། ཆེས་གནད་འགག་གི་དུས་ཤིག་ཡིན། དེའི་སྐབས་སུ་བློ་འཛིན་མང་པོ་བྱེད་དུ་འཇུག་དགོས། སྐབས་དེར་ཁོ་ཚོར་གོ་བ་ཡག་པོ་ལེན་པའི་ནུས་པ་མེད་སྲིད་མོད། ཡིན་ནའང་བློར་འཛིན་པའི་ནུས་པ་ཤིན་ཏུ་ལེགས་པོ་ཡོད། གཅིག་ནི་བློ་འཛིན་བྱེད་རྒྱུ་དང་། གཉིས་ནི་ཁོ་ཚོའི་འཚོ་བའི་ཁྲོད་དུ། བྱམས་བརྩེའི་སློབ་གསོ་ཡོད་དགོས། ངས་བལྟས་ན་དེང་སང་གི་ཕ་མ་མང་པོ་ཞིག་གིས། བུ་ཕྲུག་ཚོ་གཞི་རྩའི་ཆ་ནས་དགེ་རྒན་ལ་སྤྲད་ནས། རང་གིས་སློབ་སྟོན་གང་ཡང་བྱེད་ཀྱིན་མི་འདུག ཕ་མས་བྱིས་པ་ཚོར། བྱ་བ་གང་ཞིག་སྒྲུབ་རུང་། གང་ཞིག་སྒྲུབ་མི་རུང་། ཡང་ན་སྐད་ཆ་གང་ཞིག་བཤད་རུང་། གང་ཞིག་བཤད་མི་རུང་སོགས། སྤྱོད་ལམ་བཟང་པོའི་སྐོར་ལ་སློབ་སྟོན་བྱེད་དགོས། ཉིན་རེར་ཁོང་ཚོར་ཤེས་བྱ་མང་པོ་བསླབ་དགོས། འདི་ནི་ཁྱིམ་ཚང་གི་སློབ་གསོ་ཡིན། དེ་མིན་གལ་ཏེ་དགེ་རྒན་གྱིས་མི་སློབ་པ་དང་། ཕ་མས་ཀྱང་མི་སློབ། དེ་ལྟར་ལོ་བཅུ་ལྷག་ལ་འཚར་ལོངས་བྱུང་ན། མཇུག་མཐར་སྤྱི་ཚོགས་སྟེང་དུ་སླེབས་པའི་དུས་སུ། ཐ་ན་མི་བྱེད་སྟངས་ཀྱི་རྩ་བའི་གནས་ལུགས་ཙམ་ཡང་མི་ཤེས་པས། ངས་བསམས་ན། བྱིས་པར་སློབ་གསོ་གཏོང་བའི་ཐབས་ལམ་ལེགས་ཤོས་ནི། ཁོ་ཚོར་བྱམས་བརྩེ་དང་ལྡན་པའི་སློབ་གསོ་སྤྲོད་རྒྱུ་དེ་ཡིན། འདི་ནི་ཧ་ཅང་གལ་ཆེན་པོ་ཞིག་ཡིན།
ནན་ཅིང་ཞིང་ལས་སློབ་ཆེན་གྱི་འཆད་འཁྲིད་ལས་བཏུས།།
●问:堪布您好,我是一个十二岁孩子的妈妈。如何让孩子爱学习、身体好、性格也好?这是我非常关心的。希望得到大师的开示,谢谢!
●答:爱学习、身体好、性格好,还要开心等等,这些全部要做到是很困难的。但是在孩子小的时候,最关键的一点是孩子们的人格教育。人格教育,其实家庭是有第一责任的。我们世间人经常讲,孩子的第一个老师是妈妈,妈妈所教的一切会成为孩子的知识。因此,信仰和慈悲、如何做个好人等,这些都是妈妈教出来的。所以我觉得,孩子的教育,尤其是四岁到十六岁之间,是最关键的时候。这个时候要让孩子多多背诵。虽然这个时候不一定有很好的理解能力,但是背诵能力是非常好的。一个是背诵,第二个是在他们的生活当中要有爱的教育。我看现在的很多父母,把孩子基本上都交给老师,自己完全不去指导。父母应该告诉孩子:哪些事情能做,哪些事情不能做;哪些话可以说,哪些话不能说。要教导他们好的行为,每天要给他们教很多的知识。这就是家庭教育。否则,老师不教,父母也不教,那样成长十几年的话,最后到了社会上的时候,连做人的基本道理都不会。所以我觉得,教孩子的最好的方法,就是要对他们进行爱的教育。这个是非常重要的。
选自:南京农业大学演讲 2013.12.06
སློབ་དཔོན་དབྱིག་གཉེན་གྱིས།ཐོས་པས་ཆོས་ནི་བྱེ་བྲག་ཤེས། །ཐོས་པས་སྡིག་ལས་ལྡོག་པར་བྱེད། །ཐོས་པས་དོན་མ་ཡིན་པ་སྤོང་། །ཐོས་པས་མྱ་ངན་འདས་པ་ཐོབ།།ཅེས་གསུངས།
世亲论师:
以闻知诸法,以闻遮罪恶,以闻断无意,以闻得涅槃。
ཡུམ་བར་མ་ལས། གཟུགས་སྟོང་ཞེས་བྱ་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །གཟུགས་མི་སྟོང་ཞེས་བྱ་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །ཞེས་གསུངས།
《中般若经》:
若说色空而行,则为执相。若说色不空而行,亦为执相。
11.
●དྲི་བ།:བདག་ལ་དོགས་འཚེར་ནད་ཕོག་ནས་ལོ་བརྒྱད་ཙམ་འགོར་སོང་། ནད་གཞི་ཧ་ཅང་ཚབས་ཆེ་བའི་སྐབས་སུ། རང་སྲོག་གཅོད་འདོད་ཀྱི་སེམས་ཡོད་འདུག རང་གི་ནད་གཞི་འདི་དྲག་ཐུབ་མིན་ཡང་མི་ཤེས་པས། ཁྱེད་ཀྱིས་ང་ལ་རོགས་རམ་ཞིག་གནང་རོགས།
●ལན།:དེང་སང་དོགས་འཚེར་ནད་ཕོག་མཁན་དངོས་ནས་མང་པོ་འདུགཡིན་ནའང་དོན་སྙིང་ངེས་ཅན་ཞིག་གི་ཐད་ནས་བཤད་ན། ངས་བསམས་ན།དོགས་འཚེར་ནད་འདི་བཅོས་ཐབས་མེད་པ་ཞིག་མ་རེད།ལྷག་པར་དུ་ནད་པ་རྣམས་ནང་ཆོས་དང་འཕྲད་ན་བཅོས་ཐབས་ཡོད། སྤྱིར་ན་མི་མང་པོ་ཞིག་ལ་དོགས་འཚེར་གྱི་ནད་རྟགས་ཡོད་ཀྱང་། ཕྱིར་མ་བརྗོད་པ་ཙམ་ཡིན། རྒྱུ་མཚན་ནི་དོགས་འཚེར་གྱི་ནད་པས། མི་མང་གི་ཁྲོད་དུ་བརྒྱ་ཆ་ཆེས་མང་བ་ཟིན་ཡོད། ཡིན་ཡང་ངས་གདེང་ཚོད་ཡོད་པའི་སྒོ་ནས་བཤད་ཆོག་པ་ཞིག་ལ། ནང་ཆོས་ཉམས་ལེན་བྱས་པ་བརྒྱུད་ནས། ནད་གཞི་ཇེ་ཡང་དུ་གཏོང་ཐུབ་པ་མ་ཟད། རྩ་བ་ནས་དྲག་ཐུབ་པའང་ཡོད། དེས་ན་ནད་པ་རྣམས་ཀྱིས། སངས་རྒྱས་མི་འཁྲུགས་པར་རྩེ་གཅིག་ཏུ་གསོལ་བ་བཏབ་སྟེ། སྔགས་འདི་བཟླ་བར་བྱ་དགོས། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། སྔགས་འདི་ནི་ཧ་ཅང་གལ་ཆེན་པོ་ཞིག་ཡིན། ཡང་ན་སྒོམ་རྒྱག་པ་ལ་བརྟེན་ནས་སེམས་ལྷོད་པོར་གནས་དགོས། དུས་རབས་འདི་ལྟ་བུའི་ནང་དུ། དོགས་འཚེར་ནད་ནི་འབྱུང་ཚད་མཐོ་བའི་ནད་ཅིག་ཡིན་ལ། འགྲོ་བ་མིར་ཤུགས་རྐྱེན་ཡང་ཆེན་པོ་ཐེབས་ཡོད། དེར་བརྟེན། བྱ་དངོས་གང་ཞིག་ཡིན་རུང་ཚང་མས་འཛིན་པ་ཆེན་པོ་མི་བྱེད་པར། ཅི་ནུས་ཀྱིས་གུ་ཡངས་དང་སེམས་ལྷོད་པོ་བྱོས། སེམས་ལྷོད་ལ་བབ་པའི་སྐབས་སུ། ནད་འདི་བཅོས་དགོས་ནའང་དཀའ་ངལ་ཆེན་པོ་ཡོད་མི་སྲིད། འདིའི་ཐད་ནས་ང་རང་ལ་གདེང་ཚོད་ཆེན་པོ་ཡོད། མདོར་ན། ཚང་མས་གསོལ་འདེབས་ལེགས་པོ་བྱེད་རོགས་གནང་།
དབྱིན་ཇིའི་ལོན་ཌོན་གྱི་འཆད་འཁྲིད་ལས་བཏུས།།
●问:我患抑郁症有八年了。在我病得特别严重的时候,真的很想自杀。不知道自己到底能不能好,请您帮帮我。
●答:现在患抑郁症的人确实比较多,但从某种意义上讲,我觉得抑郁症不是一种无法治愈的疾病,尤其是当患者遇到佛法的话就会得到治愈。实际上很多人都有抑郁的倾向,只不过没有说出来而已。因为抑郁症患者在大众中占有很高的比例。不过,我可以确信地说,通过佛法修行,能够大幅度减轻,并最终彻底治愈这个病。所以,患者们要好好祈祷不动佛,并念诵其咒语:嗡赞札玛哈若卡纳吽啪的。这个咒语非常重要。或者,也可以通过禅修让心放松。在这样的时代当中,抑郁症是一种高发的疾病,对人类的影响也很大。因此,希望大家对很多事和物不要特别执著,尽量宽心放松。当心越来越放松的时候,治愈抑郁症就不会有太大问题。对此我很有把握。总之,希望大家好好祈祷。
选自:英国伦敦演讲 2015.10.25
ཐེག་མཆོག་རིན་པོ་ཆེ་ལས། དེ་ཡང་གསང་མཆོག་ངེས་པ་འདིར་ཞུགས་ནས།། ཁྲིད་དང་གདམས་པ་ཐོབ་ནས་གོ་དོན་མ་རྙེད་ཀྱང་།། སྐྱེས་པ་དང་བུད་མེད་དང་བྱིས་པ་དེ་དག་ཐོས་པའི་ཕན་ཡོན་གྱིས་མྱུར་དུ་གྲོལ་ངེས་ཏེ།། འབྲས་བུའི་ཐུས་ཀ་བླ་ན་མེད་པ་དང་ཕྲད་པ་ཡིན་པའི་ཕྱིར་རོ།། ཞེས་གསུངས།
《胜乘宝藏论》:
无论是男人、女人还是孩童,只要趋入殊胜极密之法,并获得引导和窍诀,即使没有通达其意,也因听闻之功德而必定迅速解脱。因为已值遇无上果法心滴之故。
ཨོ་རྒྱན་རིན་པོ་ཆེས། དོན་གྱི་ནོར་བུ་རིན་ཆེན་འདིས། །ཚེ་འདིར་དགོས་འདོད་ཐམས་ཅད་འབྱུང་། །ཕྱི་མ་སངས་རྒྱས་ངེས་པར་འཐོབ། །དེ་སྔོན་མཚམས་མེད་ལྔ་བྱས་ཀྱང་།། འདི་འཕྲད་ངན་སོང་ལྟུང་མི་སྲིད། །ཆོས་མ་བྱས་ཀྱང་འཚང་རྒྱའོ།། ཞེས་གསུངས།
莲花生大士:
以此密法宝,今生得所需,来世必成佛。纵造无间罪,遇此不堕恶,无修亦成就。
1 2 3 4 5 6 7 8 9 ... 159 »